精选法律常识大全(转载ཁ)

法大邦协法译部 法大藏语模拟法庭 2019-11-30

精选法律常识大全(转载ཁ)(1)

ཁྲིམས་ ལུགས་ ཤེས་ བྱའི་ རྒྱུན་ ཤེས།

༡་གཞན་ལ་དངུལ་གཡར་དུས་ཁ་ཆད་བཞག་པའི་སྐྱེད་ཀར་ཚད་བཀག་བྱེད་དགོས་སམ་།

《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་གྱོད་དོན་ཞིབ་གཅོད་བྱ་བར་ཁྲིམས་ལུགས་བཀོལ་སྤྱོད་བྱ་བའི་གནད་དོན་འགའི་སྐོར་གྱི་གཏན་འབེབས》ཀྱི་དོན་ཚན་ཉེར་དྲུག་པ་ལྟར་“བུ་ལོན་གཏོང་ལེན་ཕྱོགས་གཉིས་ཀས་ཁ་མཐུན་བྱས་པའི་སྐྱེད་ཀའི་ཚད་དེ་ལོ་རེའི་སྐྱེད་ཀའི་ཚད་ཀྱི་རྒྱ་ཆ་༢༤ལས་བརྒལ་མེད་པར་དངུལ་བུན་གཏོང་མཁན་གྱིས་དངུལ་གཡར་མཁན་ལ་ཁ་མཐུན་གྱི་སྐྱེད་ཀའི་ཚད་ལྟར་སྐྱེད་ཀ་སྤྲོད་རྒྱུའི་རེ་བ་ཞུས་ཚེ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས། ”དེར་བརྟེན་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱི་གན་རྒྱའི་ནང་ཁ་ཆད་བཞག་པའི་སྐྱེད་ཀའི་ཚད་ལོ་རེར་རྒྱ་ཆ་༢༤ལས་བརྒལ་མེད་པ་དེའང་ཟླ་རེའི་སྐྱེད་ཀའི་ཚད་བརྒྱ་ཆ་༢ཡིན་ན་བཅའ་ཁྲིམས་ཀྱིས་ཡོངས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ལས། གཞན་གལ་ཏེ་རྒྱ་ཆ་༢༤ལས་བརྒལ་བ་དང་བརྒྱ་ཆ་༣༦བརྒལ་མེད་ཚེ་སྤྲད་ཟིན་པའི་སྐྱེད་ཀ་དག་བཅའ་ཁྲིམས་ཀྱིས་དོ་དམ་མི་བྱེད། རྒྱ་ཆ་༣༦བརྒལ་ན་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་མི་བྱེད།དེ་ལས་གཞན། དངུལ་བུན་གཏོང་ལེན་གྱི་གན་རྒྱའི་ནང་སྐྱེད་ཀ་གསལ་པོར་འབྲི་དགོས། བྲིས་མེད་ཚེ་སྐྱེད་ཀ་སྤྲོད་མི་དགོས་པར་འཛིན་གྱི་ཡོད།

精选法律常识大全(转载ཁ)(2)

精选法律常识大全(转载ཁ)(3)

༢་བཟའ་ཚང་བར་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་ཁ་ཆད་བཞག་ཆོག་གམ།

བཟའ་ཚང་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་ཡང་ན་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང། ཐུན་མོང་ལ་དབང་བའམ་ཆ་ཤས་འགའ་རེ་སོ་སོར་དབང་བ། ཆ་ཤས་ཐུན་མོང་ལ་དབང་བའི་ཁ་ཆད་བཞག་ཆོག་ ཁ་ཆད་དེ་ཡིག་ཐོག་ནས་འཇོག་དགོས། བཟའ་ཚང་གཉིས་ཀའི་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཁ་ཆད་བཞག་ཚེ་བཟའ་ཚང་ཕྱོགས་གཅིག་གིས་ཕྱི་ཕྱོགས་སུ་བཞག་པའི་བུ་ལོན་དེ་མི་གསུམ་པས་ཁ་ཆད་དེ་ཤེས་ཚེ་བཟའ་ཚང་ཕྱོགས་གཅིག་གི་རྒྱུ་ནོར་ཆ་ཚང་ནས་བུ་ལོན་གཙང་སེལ་འཇལ་དགོས།

精选法律常识大全(转载ཁ)(4)

精选法律常识大全(转载ཁ)(5)

༣་ཉེས་དོན་གྱོད་གཞིའི་ཁྲོད་དུ་ལོ་ག་ཚོད་ལ་ཉེས་དོན་འགན་འཁྲི་འཁུར་དགོས་པ་ཁྱོད་ཀྱིས་ཤེས་སམ།

ལོ་༡༤མན་ཉེས་ཁྲིམས་སྟེང་འགན་འཁྲི་ཅི་ཡང་འཁུར་མི་དགོས།

ལོ་༡༤ནས་༡༦བར་གྱིས་གཤམ་གྱི་ཉེས་པ་བརྒྱད་ནང་ནས་གང་རུང་ཞིག་བསགས་ན་ཉེས་འགན་འཁུར་དགོས། {ཉེས་པ་དེ་དག་ནི་ཤེས་བཞིན་དུ་མི་བསད་པ། ཤེས་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཤི་བ། བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ། དུག་ཚོང་བརྒྱབ་པ། མེ་བརྒྱག་པ། འབར་གས་བྱས་པ། ཉེན་ཆེའི་དངོས་རྫས་འཇོག་པ་བཅས་སོ། }

ལོ་༡༦ཡན་ཉེས་དོན་འགན་འཁྲི་ཡོངས་སུ་འཁུར་དགོས།

精选法律常识大全(转载ཁ)(6)

精选法律常识大全(转载ཁ)(7)

༤་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆ་ལ་ཆ་འཕྲིན་ཁ་སྣོན་བྱས་ནས་ཁྲིམས་འགལ་བས་རྐུ་སྤྱོད་བྱེད་པར་སྔོན་འགོག་བྱེད་དགོས།

ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆའི་མདུན་དང་བརྒྱབ་ཏུ་སྨྱུག་གུ་སྔོན་པོས་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆ་འདི་ནི༢༠**ལོའི་ཟླ*པའི་ཚེས་*ཉིན་**དངུལ་ཁང་ནང་བསྒྲུབ་པའི་**ཡིད་རྟོན་བྱང་བུ་དེར་བེད་སྤྱོད་བྱེད་ཆོག་པ་ལས་གཞན་ལ་བེད་སྤྱོད་ན་གོ་མི་ཆོད། ཡང་བསྐྱར་བསྐྱར་དཔར་བྱས་ཀྱང་གོ་མི་ཆོད། ཡི་གེ་ཁ་སྣོན་བྱེད་སྐབས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་འགེབས་མི་ཆོག་པ། འོན་ཀྱང་བསྐྱར་པར་བཤུ་གུ་དྲས་རྗེས་བསྐྱར་དུ་པར་རྒྱག་མི་ཡོང་བའི་ཆེད་ཐོབ་ཐང་ལག་ཁྱེར་ཐོག་གི་མི་སྒེར་གྱི་ཆ་འཕྲིན་ཁག་འོས་འཚམ་གྱིས་འགེབས་དགོས་པ་ཡིན། རྒྱབ་ཕྱོགས་ཀྱང་གཅིག་མཚུངས་ཡིན།

精选法律常识大全(转载ཁ)(8)

精选法律常识大全(转载ཁ)(9)

༥་ཉོ་ཚོང་གིས་བོགས་མར་གཏོང་ལེན་མེད་པར་བཟོ་མི་ཐུབ་།

ཁང་པ་བོགས་མར་གཏོང་བའི་གན་རྒྱའི་རིང་ལ་ ཁང་པའི་བདག་དབང་མཁན་གྱིས་ཁང་པ་ཕྱིར་འཚོང་བྱས་རྗེས། ཉོ་མཁན་གྱིས་ཁང་པའི་བདག་དབང་མཁན་ལ་བོགས་གཡར་གན་རྒྱ་མཚམས་འཇོག་པའི་རེ་བ་བཏོན་མི་ཆོག། ཡང་ན་ཁང་པ་གླ་མཁན་ལ་ཁ་གསབ་བྱས་ནས་ཕྱོགས་གཉིས་ཀྱིས་རང་འདོད་ལྟར་མཚམས་བཞག་ན་གནད་དོན་གང་མེད་དོ།

精选法律常识大全(转载ཁ)(10)

精选法律常识大全(转载ཁ)(11)

༦་གཞན་ལ་ཆང་འཐུང་ཟེར་མི་སྐུལ་བ།

《དབང་གནོད་འགན་འཁྲིའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། གནས་ཚུལ་མང་ཆེ་བའི་འོག་མི་ལུས་ལ་གནོད་སྐྱོན་ཐེབས་པའི་ཆང་འཐུང་མཁན་གྱིས་རང་སོ་སོས་འགན་འཁུར་དགོས། འོན་ཀྱང། གལ་ཏེ་ཆང་འཐུང་བའི་བར་དུ་བཙན་སྐུལ་གྱིས་ཆང་འཐུང་བར་འཇུག་པའི་མངོན་གསལ་གྱི་བྱ་སྤྱོད་ཡོད་པ་སྟེ་དཔེར་ན་ཀླ་ཀློའི་ངང་ནས་ཆང་བླུག་པ་དང། སྐད་ཆས་འཇིགས་སྣང་སྐུལ་བ། ཕ་རོལ་པོར་ཟུག་གཟེར་སློང་བ། ཆང་མ་འཐུང་ན་རྙོག་དྲ་སློང་བ་སོགས་རང་ངོས་སུ་བཙན་སྐུལ་གྱི་ནོར་འཁྲུལ་ཡོད་ཚེ། སྐབས་དེར་གནོད་སྐྱོན་གྱི་མཇུག་འབྲས་བྱུང་ན་ཆང་འཐུང་བར་སྐུལ་མཁན་གྱིས་དེ་དང་མཐུན་པའི་ནོར་འཛོལ་གྱི་གུན་ཚབ་འགན་འཁྲི་འཁུར་དགོས།

精选法律常识大全(转载ཁ)(12)

(一)借钱给别人,约定的利息有限制吗?

《最高人民法院关于审理民间借贷案件适用法律若干问题的规定》第二十六条“借贷双方约定的利率未超过年利率24%,出借人请求借款人按照约定的利率支付利息的,人民法院应予支持”因此,在民间借货合同中约定的利率未超过年利率24%也就是月利率2%,法律是完全支持的。此外,如果超过24%,未超过36%的,已经支付过的利息部分法律不会管;超过36%的话,法律就不支持了。另外,在借歌合同中要写明息,否则是视为不用支付利息。

(二)夫妻之间可以约定共同财产的分配吗? 夫妻可以约定婚姻关系存续期间所得的财产以及婚前财产归各自所有、共同所有或部分各自所有、部分共同所有。约定应当采用书面形式,夫妻对婚烟关系存续期间所得的财产约定归各自所有的,夫或妻一方对外所负的债务,第三人知道该约定的,以夫或妻一方所有的财产清偿。

(三)刑事案件中,你知道几岁需要负刑事责任吗? 14周岁以下可以不在刑法上负任何责任;14周岁到16周岁犯8种行为故意杀人,故意伤害致人重伤或者死亡,强奸,抢劫,贩卖毒品,放火,爆炸,投放危险物质罪依旧要负刑事贡任;16周岁以上是完全刑事责任年龄。

(四)身留证复印件加注信息,防止不法分子盗用

身份证复印件应当用蓝色签字笔在正反面分别加注下述类似文本:本身份证复印件仅用于20X年月X日办理XX银行XX信用卡用,他用无效,再复印无效。加注文字不得遮挡身份证号码,但是应当适当覆盖身份证个人信息部分,以防裁剪后再复印。背面类似。 (五)买卖不破租赁

房屋租赁合同期间,房屋所有权人出卖房屋后,买受人不得以房屋所有权人变更要求终止租质合同。当然,补偿给租房人双方自愿终止就没问题。

(六)强迫性劝酒行为

根据《侵权责任法》等法律规定,多数情况下应由发生人身损害的饮酒人自负责任。但是,如果在饮酒过程中有明显的强迫性劝酒行为,如野蛮灌酒、言语要挟、刺激对方、不喝就纠缠不休等,只要主观上存在强迫的过错,此时对于损害后果的发生,劝酒人应当承担相应的过错赔偿责任。

精选法律常识大全(转载ཁ)(13)

审核 | 旦增

编辑 | 卓嘎 边曲 顿扎

录音 | 群措

翻译 | 法译部全体小编

图片来源 | 网络

,

免责声明:本文仅代表文章作者的个人观点,与本站无关。其原创性、真实性以及文中陈述文字和内容未经本站证实,对本文以及其中全部或者部分内容文字的真实性、完整性和原创性本站不作任何保证或承诺,请读者仅作参考,并自行核实相关内容。文章投诉邮箱:anhduc.ph@yahoo.com

    分享
    投诉
    首页